བོད་ཡིག་ཁ་པར་མཉེན་ཆས།
ཀུན་གསལ་མེ་ལོང་།
ཨན་ཀྲོའོ་ཁ་པར། ཀུ་ཤུ་ཁ་པར།
ཕབ་གྲངས། 32595
བཀའ་འགྱུར་དང་བསྟན་འགྱུར་དང་བོད་མ་བཅས་ཨང་གྲངས་རྗེས་འབྲེལ་འཆར་གཞི་ལ་ཡི་གེ་དང་མ་དཔེའི་འདྲ་པར་རྣམས་ཚོལ་ཞིབ་དང་མྱུལ་ཞིབ་བཀོད་སྒྲིག་གནང་ཐུབ།
ཕབ་ལེན་བྱེད་སྟངས་འདི་ཐོག་མནོན།
ད་ལྟའི་དབང་དུ་ ༢༠༡༧ ལོར་རང་རེས་དངོས་སུ་དྲ་རྒྱའི་ནང་དུ་བཙུད་ཚར་བ་དེ་འཇང་བཀའ་འགྱུར་པུསྟི་ ༡༠༩ ཆ་ཚང་། སྡེ་དགེ་བཀའ་འགྱུར་པུསྟི་ ༡༠༣ ཆ་ཚང་། སྡེ་དགེ་བསྟན་འགྱུར་ལ། པུསྟི་ ༥༠ བར་དང་། བོད་མའི་ནང་དུ། རྙིང་མ་ལ། འཇུ་མི་ཕམ་རིན་པོ་ཆེའི་གསུང་འབུམ་པུསྟི་ ༢༧ ཆ་ཚང་། ས་སྐྱ་པ་ལ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་བཀའ་འབུམ་པུསྟི་ ༡༣ ཆ་ཚང་། བཀའ་རྒྱུད་པ་ལ། ཀརྨ་པ་རྗེ་དུས་གསུམ་མཁྱེན་པའི་གསུམ་འབུམ་ལས་ད་ལྟའི་དབང་དུ་པུསྟི་ ༢ ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུམ་འབུམ་ལས་ད་ལྟའི་དབང་དུ། འདུལ་བ། མངོན་པ་མཛོད། ཤེར་ཕྱིན། དབུ་མབཅས་པུསྟི་ ༧ རི་བོ་དགའ་ལྡན་པ་ལ། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་པུསྟི་ ༡༨ ཆ་ཚང་། བཅས་འདིའི་ནང་དུ་མཆིས་པས་ཕབ་ལེན་དང་ཚོལ་ཞིབ་བཅས་ཀུན་གྱི་ལྟ་ཀློག་སོགས་གནང་ཐུབ་བོ། །


×